Thursday, July 6, 2017

ངའི་སློབ་དཔོན།


༈ ཀ་ཁ་ཡོན་ཏན་གནང་སྟེ་།།འཛམ་གླིང་པ་མུན་གསལ་མི།།
  བཀའ་དྲིན་མཚུངས་མེད་དམ་པ།།ངེ་གི་སློབ་དཔོན་རྣམས་ལུ།།
ཧིིང་གི་བཀའ་དྲིན་དགའ་འཚོར།།ལོ་དང་ཟླལྦ་སྦེ་བསམ་རུང།།
དྲིན་ལན་སྤུ་ཙམ་འཇལ་བའི་།།རང་བ་རང་ལུ་མ་འབྱུང།།
ཤིན་ཏུ་མཁས་པའི་སློབ་དཔོན།།ཉིན་དང་མཚན་དུ་མེད་པ།།
ཐུགས་བསམ་སློབ་ཕྲུག་གནང་སྟེ།།ཆུ་རྒྱུན་ཡོན་ཏན་གནང་དོ།།
ཀ་ཁ་ཡོན་ཏན་ལྷག་སྟེ།།ཁ་བཀོད་བསླབ་བྱ་གནང་མི།།
ངེ་གི་དྲིན་ཅན་སློབ་དཔོན།།ས་གནས་ག་སྟེ་ཞུགས་རུང།།
ན་བ་ཚ་བ་མེད་པར།།སྐུ་གཟུགས་བཟང་པོར་ཞུགས་སྟེ།།
ཇ་ཆང་ལོངས་སྤྱོད་ལྡན་ཏེ།།ཡོད་པའི་རེ་སྨོན་ཞུ་དོ།།


གསེར་ལས་དཀོན་པའི་ཡོན་ཏན།།ཁོག་པའི་སྟིང་ལས་སློངས་སྟེ།།
དུས་རྒྱུན་འགྱུར་བ་མེད་པར།།སློབ་ཕྲུག་ཀུན་ལུ་གནང་དོ།།
བྱང་ཆུབ་སེམས་དང་ལྡན་པའི།།ངེ་གི་སློབ་དཔོན་རྣམས་ལུ།།
སེམས་ཀྱི་རྒྱ་མཚོའི་ནང་ལས།།བཀའ་དྲིན་དགའ་འཚོར་ཞུ་གེ།།
ཅ་ཆས་རྒྱུ་དང་ལོངས་སྤྱོད།།ཕུལ་ནི་རང་ལུ་མེད་རུང།།
ད་རིས་ལེགས་པའི་ཉིམ་ལུ།།འགྱུར་བ་མེད་པའི་དགའ་འཚོར།།
ཆ་རོགས་ན་གཞོན་ཕོ་མོ།།ང་བཅས་ག་རའི་ཧོངས་ལས།།
སློབ་དཔོན་མཁས་པ་རྣམས་ལུ།།ཡངས་ལས་ཡངས་དུ་ཞུ་གེ།།
གོང་ལས་ད་ལྟོ་བར་ན།།རང་དང་མཇལ་བའི་སློབ་དཔོན།།
ལུས་ངག་ཡིད་གསུམ་བཟང་སྟེ།།འཇའ་མཚོན་སྔན་ལྔ་ཤར་ཏེ།།

དགའ་སྐྱིད་གཉིས་དང་ལྡན་ཏེ།།ཕུན་སུམ་ཚོགས་སྟེ་ཞུགས་པའི།།
རེ་སྨོན་རྒྱུན་ཆད་མེད་པར།།རང་གི་ཧོངས་ལས་བཏབ་དོ།།

སྐུ་ཚེ་ཆུ་ལས་རིང་སྟེ།།ནམ་ཡང་འགྱུར་བ་མེད་པ།།
ཡང་ཡང་མཇལ་བའི་སྨོན་ལམ།།བུ་མོ་རང་གི་ཞུ་གེ།།
ལས་སྨོན་དབང་གིས་འཛོམས་པའི།།ངེ་གི་སློབ་དཔོན་རྣམས་ལུ།།

ད་རིས་སློབ་དཔོན་ཉིམ་ལུ།།བཀྲ་ཤིས་བདེ་ལེགས་ཞུ་གེ།།

No comments:

Post a Comment